དངོས་བཤུས་བརྙན་འཕྲིན་ཆེན་མོ་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་ཅེས་པ་དེ་ཧྲང་ཧེ་དངོས་བཤུས་འཕྲིན་ལམ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གྲོང་ཁྱེར་འཕྲིན་ལམ་གཉིས་ནས་བཏང་རྗེས་ལྟ་མཁན་མང་པོའི་དགའ་བསུ་ཆེན་པོ་ཐོབ།
ད་ལོའི་ལོ་སར་སྐབས་སུ་དངོས་བཤུས་བརྙན་འཕྲིན་དེ་བོད་ཁམས་ཀྱི་ལྟ་མཁན་མང་པོའི་སྤྱན་ལམ་ལ་དུས་ལྟར་འབུལ་ཕྱིར། ངེད་ཨ་མདོ་བརྙན་འཕྲིན་གྱིས་བསྒྱུར་སྒྲིག་ཡོངས་འགྲུབ་བྱས་ཏེ། ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད 7:30 སྟེང་ལེའུ་དང་པོ་དང་། ཕྱི་དྲོའི་དུས་ཚོད 16:18 སྟེང་ལེའུ་གཉིས་པ། ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད7:42 སྟེང་ལེའུ་གསུམ་པ་གཏང་རྒྱུ་བཀོད་སྒྲིག་བྱས་ཡོད་པས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།
དངོས་བཤུས་བརྙན་འཕྲིན་ཆེན་མོ་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་ནི་ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ།ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་ཤིང་ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་དངོས་བཤུས་འཕྲིན་ལམ་གྱིས་སྒྲིག་སྦྱོར་བྱས་པ་ཞིག་ཡིན་ལ།དངོས་བཤུས་བརྙན་འཕྲིན་ཧྲིལ་བོ་ལེའུ་གསུམ་དུ་བགར་ནས་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཤེས་བྱ་ཀུན་བཏུས་སུ་འབོད་ཅིང་འཛམ་གླིང་དུ་ཆེས་རིང་པའི་སྒྲུང་རབས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་འབྱུང་གནས་ཀྱི་རང་བྱུང་སྣོད་བཅུད་དང་མི་རིགས་རིག་གནས།གེ་སར་རིག་གནས་སོགས་མཚམས་སྦྱོར་བྱས་ཡོད། །
大型纪录片《格萨尔的英雄草原》在上海纪实频道和青海广播电视台都市频道播出后,引起强烈反响。为了让藏区观众第一时间收看到这部优秀大型纪录片,安多卫视组织骨干译制力量进行精准翻译和配音制作。目前,藏语版《格萨尔的英雄草原》已译制完成,每集时长48分将于2019年春节和藏历年期间在安多卫视频道播出(初一上午7:33分播出第一集,下午16:18分播出第二集,初二上午7:42播出第三集),祥云网同步播出。
大型纪录片《格萨尔的英雄草原》由上海市委宣传部、青海省委宣传部、上海广播电视台、青海广播电视联合出品,上海广播电视台纪实频道制作。全片分为三集,讲述被誉为“古代藏族社会百科全书”的史诗《格萨尔王传》所诞生的地域环境和民族文化渊源,在描绘格萨文化版图的同时,向世界呈现青藏高原独特的地理形态、民族信仰、草原文明及格萨尔艺人的传奇故事。该片首次对格萨尔史诗进行了全面、综合、系统的视听语言描述。
སྒྱུར་སྐྲུན་པ།
རྩོམ་སྒྲིག་པ། འགྱུར་མེད་རྡོ་རྗེ།
དོ་དམ་པ། འགྱུར་མེད་རྡོ་རྗེ།
འགན་ཁུར་བ། སྐལ་བཟང་རྡོ་རྗེ།