第一条为维护国家安全和社会稳定,有效打击外国人违法犯罪,充分调动人民群众参与社会治安综合治理的积极性,根据《中华人民共和国出境入境管理法》之规定,特制定本办法。
第二条公民、法人或者其他组织发现以下外国人违法犯罪行为,可向公安机关举报(不包含在公务活动中发现违法外国人线索的公安机关工作人员):
(一)在本地旅馆外的其他住所居住或者住宿的,未在入住后24小时内向当地公安机关申报住宿登记的。
(二)年满十六周岁的外国人不随身携带本人护照、其他国际旅行证件或外国人停留居留证件的。
(三)从事与停留、居留事由不相符的活动的。
(四)非法出境入境、协助他人非法出境入境的。
(五)非法居留、未尽监护义务致使未满16周岁外国人非法居留的。
(六)外国人非法就业、非法聘用外国人、介绍外国人非法就业的。
(七)未按规定办理出生、死亡登记及居留证件登记事项变更的。
(八)骗取出境入境证件、冒用他人出境入境证件的。
(九)违反规定为外国人出具邀请函件或其他申请材料的。
(十)容留、藏匿非法入境、非法居留的外国人,协助非法入境、非法居留的外国人逃避检查,或者为非法居留外国人违法提供出境入境证件的。
(十一)持用伪造、变造、骗取的出境入境证件出境入境的。
(十二)逃避出境入境边防检查,以其他方式非法出境入境的。
(十三)有其他违法犯罪行为的人员。
第三条上述举报经查证属实,按照以下标准予以奖励:
(一)举报1名非法入境、非法居留、非法就业外国人的奖励人民币1000元,多人的按每人1000元人民币合计计算,同一案件总数不超过5000元。
(二)举报1名组织偷越国(边)境“蛇头”的,奖励人民币10000元,多人的按每人10000元人民币合计计算,同一案件总数不超过50000元。
(三)举报本办法第二条中其他违法行为,每举报一个违法行为奖励人民币1000元。
(四)对两人以上(含两人)同时举报同一违法行为的,公安机关在第一项规定的金额内平均分配;举报不同时的对先举报者给予奖励。举报时间在同一天内的,视为同时举报。对举报时间在后的举报,如果提供的线索或证据更为重要的,按第一项标准予以奖励。本办法有重复奖励的,只按最高标准奖励一次。
第四条公民、法人或者其他组织可以通过以下途径向公安机关举报:
(一)使用公安机关公布的举报电话、电子邮箱、互联网、手机短信或信函等方式举报。
(二)直接到当地公安机关举报。
(三)委托他人举报,并提供委托人的授权委托书以及委托人的身份证件。
第五条本省各级公安机关及时对上述举报予以受理,开具受理回执,并根据案件性质转属地派出所或出入境管理部门进行查办。
第六条经查证举报线索属实的,由受理举报的公安机关或案件承办部门按程序申请奖金,并在批准之日起15个工作日内向举报人兑现奖金。
第七条举报人应当在接到奖励通知之日起30日内,采取直接或委托他人的方式领取奖金。委托他人领取的,须提供委托人的授权委托书以及委托人的身份证件。逾期不领取的,视为自动放弃。
第八条公安机关应对举报人的情况严格保密,确保举报人的人身财产安全,因故意或过失泄密造成严重后果的,依照相关规定追究有关人员的责任。
第九条对以暴力胁迫或其他手段对举报人进行打击报复,为骗取钱财或出于其他原由而故意提供虚假信息的人员,公安机关将依法予以惩处。
第十条经查证属实,除了对违法外国人进行处罚外,公安机关将依法对协助外国人非法入境或出境、造成外国人非法停留或居留、聘雇私自谋职的外国人的有关责任者予以处罚。
第十一条本办法自发布之日起实施,由省公安厅负责解释。
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་སུ་ཕྱི་རྒྱལ་
མི་སྣའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ཞུ་
གཏུགས་ཀྱི་བྱ་དགའི་བྱེད་ཐབས། ཚོད་ལྟ།
དོན་ཚན་དང་པོ། རྒྱབ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་ཡོང་པ། ཕན་འབྲས་ལྡན་པའི་སྒོ་ནས་ཕྱི་རྒྱལ་མི་སྣའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ། མི་དམངས་མང་ཚོགས་རང་འགུལ་གྱིས་སྤྱི་ཚོགས་བདེ་སྲུང་སྣ་འཛོམས་དག་ཐེར་གྱི་ཁྲོད་ཞུགས་པར་སྐུལ་འདེད་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཕྱི་ནང་དུ་འགྲོ་བའི་དོ་དམ་ལམ་ལུགས་》ཀྱི་ཐག་གཅོད་ལྟར། ཆེད་དུ་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་དག་གིས་གཤམ་གྱི་ཕྱི་རྒྱལ་མི་སྣའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དག་མཐོང་ཚེ། སྤྱི་བདེ་ལས་ཁུངས་སུ་ཞུ་གཏུགས་བྱས་ཆོག (ཁུངས་སྣེ་འདོན་སྤྲོད་བྱེད་མཁན་གྱི་སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་དེའི་ནང་མི་ཚུབ། )
གཅིག རང་ས་གནས་ཀྱི་མགྲོན་ཁང་མ་ཡིན་པའི་གནས་གང་རུང་ནས་སྡོད་པའམ་ཞག་སྡོད་བྱེད་པ་དང་། དུས་ཚོད་ཉེར་བཞིའི་ནང་དུ་ས་གནས་དེའི་ཉེན་རྟོག་ལས་ཁུངས་ལ་ཞག་སྡོད་བྱེད་པའི་ཐོ་འགོད་མ་བྱས་པ།
གཉིས། ལོ་ན་བཅུ་དྲུག་ལོན་པའི་ཕྱི་རྒྱལ་གྱི་མིས་ལག་ཏུ་ལམ་ཡིག་དང་གཞན་པའི་རྒྱལ་སྤྱིའི་ཡུལ་སྐོར་དཔང་ཡིག་གམ་ཕྱི་རྒྱལ་གྱི་མིའི་སྡོད་ཆོག་པ་དང་ཞག་སྡོད་བྱས་ཆོག་པའི་དཔང་ཡིག་བཟུང་མེད་པ།
གསུམ། གནས་སྡོད་དང་ཞག་སྡོད་བྱེད་པའི་གནས་ཚུལ་དང་མི་འཚམ་པའི་བྱེད་སྒོ་སྤེལ་བ།
བཞི། ཁྲིམས་འགལ་སྒོས་རྒྱལ་མཚམས་བརྒལ་ནས་འགྲོ་བ་དང་རྒྱལ་མཚམས་བརྒལ་ནས་ནང་དུ་ཡོང་བ། མི་གཞན་ལ་རོགས་བྱས་ནས་ཁྲིམས་འགལ་སྒོས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ།
ལྔ། ཁྲིམས་འགལ་སྒོས་ཞག་སྡོད་བྱེད་པ་དང་། ལྟ་སྐྱོང་འོས་འགན་མ་སྒྲུབ་པར་ལོ་ན་བཅུ་དྲུག་ལ་མ་སོན་པའི་ཕྱི་རྒྱལ་གྱི་མི་གནས་སྡོད་བྱས་པ།
དྲུག ཕྱི་རྒྱལ་གྱི་མི་ཁྲིམས་འགལ་སྒོས་ལས་ཞུགས་བྱས་པའམ། ཁྲིམས་འགལ་སྒོས་ཕྱི་རྒྱལ་གྱི་གདན་ཞུ་བྱས་ནས་བྱ་བ་སྒྲུབ་ཏུ་བཅུག་པ། ཕྱི་རྒྱལ་གྱི་མི་ཁྲིམས་འགལ་སྒོས་ལས་ཞུགས་བྱེད་པར་མཚམས་སྦྱོར་བ།
བདུན། གཏན་འཁེལ་ལྟར་སྐྱེས་པ་དང་ཚེ་ལས་འདས་པའི་གནས་ཚུལ་ཐོ་འགོད་པ་བྱས་པ་དང་། ཞག་སྡོད་བྱེད་པའི་དཔང་ཡིག་གི་འགྱུར་བའི་གནས་ཚུལ་ཐོ་འགོད་མ་བྱས་པ།
བརྒྱད། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལམ་ཡིག་གཡོ་ལེན་བྱེད་པ་དང་། མི་གཞན་པའི་ལམ་ཡིག་སྤྱོད་པ།
དགུ། བཅའ་ཁྲིམས་དང་སྒྲིག་སྲོལ་ལ་འགལ་ནས་ཕྱི་རྒྱལ་གྱི་མིར་གདན་ཞུ་སྐུར་བ་དང་གཞན་པའི་རེ་ཞུའི་རྒྱུ་ཆ་སྤྲོད་པ།
བཅུ། ཁྲིམས་འགལ་སྒོས་རྒྱལ་ནང་དུ་ཡོང་བའི་མི་སྐོང་དུ་འཇུག་པ་དང་། གསང་བ་བྱེད་པ། ཁྲིམས་འགལ་སྒོས་རྒྱལ་ནང་དུ་ཡོང་བ་དང་། ཁྲིམས་འགལ་སྒོས་ཞག་སྡོད་བྱེད་པའི་ཕྱི་རྒྱལ་གྱི་མི་ལ་རོགས་བྱས་ནས་ཞིབ་བཤེར་ལ་གཡོལ་བ། ཡང་ན་ཁྲིམས་འགལ་སྒོས་རྒྱལ་ནང་དུ་བསྡད་ཡོད་པའི་ཕྱི་རྒྱལ་གྱི་མི་ལ་ལམ་ཡིག་སྟེར་བ།
བཅུ་གཅིག ལམ་ཡིག་རྫུན་མ་དང་།རང་གིས་བཟོས་པའི་ལམ་ཡིག གཡོ་ལེན་བྱས་པའི་ལམ་ཡིག་སྤྱད་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ།
བཅུ་གཉིས། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་ལ་གཡོལ་ནས། བྱེད་ཐབས་གཞན་པ་སྤྱད་ནས་ཁྲིམས་འགལ་སྒོས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ།
བཅུ་གསུམ། ཁྲིམས་འགལ་ནག་ཉེས་བསགས་པའི་བྱ་སྤྱོད་གཞན་དག་ཡོད་པའི་མི་སྣ།
དོན་ཚན་གསུམ་པ། གོང་གི་ཞུ་གཏུགས་རྩད་ཞིབ་བྱས་ནས་བདེན་པ་ར་སྤྲོད་བྱས་ཚེ། གཤམ་ལྟར་ཚད་ལྡན་ངང་བྱ་དགའ་གནང་ངེས།
གཅིག ཁྲིམས་འགལ་སྒོས་རྒྱལ་ནང་དུ་ཡོང་བ་དང་། ཁྲིམས་འགལ་སྒོས་གནས་བཅས་ནས་བསྡད་ཡོད་པ། ཁྲིམས་འགལ་སྒོས་ལས་ཞུགས་བྱས་ཡོད་པའི་ཕྱི་རྒྱལ་གྱི་མི་གཅིག་ཞུ་གཏུག་བྱས་ན། དམངས་སྒོར༡༠༠༠གི་བྱ་དགའ་ཡོད་ཅིང་། མི་མང་པོ་ཞུ་གཏུག་བྱས་ནས་མི་རེར་སྒོར༡༠༠༠རེ་བྱས་ནས་སྣོན་རྒྱུ་ཡིན། གྱོད་དོན་གཅིག་གི་སྤྱི་འབོར༥༠༠༠ལས་བརྒལ་མི་ཆོག
གཉིས། རྒྱལ་ཁབ་ཀྱི་མཐའ་མཚམས་ནས་སྲུང་སྐྱེལ་བྱེད་མཁན་གྱི་ལམ་པ་གཙིག་ཞུ་གཏུག་བྱས་ན། དམངས་སྒོར༡༠༠༠༠གཅིག་གི་བྱ་དགའ་ཡོད་ཅིང་། མི་མང་པོ་ཞུ་གཏུག་བྱས་ནས་མི་རེར་སྒོར༡༠༠༠༠རེ་བྱས་ནས་སྣོན་རྒྱུ་ཡིན། གྱོད་དོན་གཅིག་གི་སྤྱི་འབོར༥༠༠༠༠ལས་བརྒལ་མི་ཆོག
གསུམ། དོན་ཚན་གཉིས་པའི་ཁྲོད་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུགས་བྱས་ཚེ། ཁྲིམས་འགལ་གྱི་བྱ་སྤྱོད་གཅིག་ཞུ་གཏུགས་བྱས་ན་དམངས་སྒོར་༡༠༠༠གི་བྱ་དགའ་ཡོད།
བཞི། མི་གཉིས་དང་གཉིས་ཡན་གྱི་ཞུ་གཏུགས་བྱེད་མཁན་ལ། སྤྱི་བདེ་ལས་ཁུངས་ཀྱིས་གོང་གི་དོན་ཚན་དང་པོ་ལྟར་ཆ་སྙོམས་ཀྱི་བྱ་དགའ་གནང་རྒྱུ་དང་། ཞུ་གཏུགས་ཀྱི་དུས་ཚོད་གཅིག་པ་མིན་ཚེ། སྔོན་ལ་སུ་ཞིག་གི་ཞུ་གཏུགས་བྱས་ཚེ་དེར་བྱ་དགའ་ཡོད་ལ། ཞུ་གཏུགས་ཀྱི་ཉིན་གཅིག་པ་ཡིན་ཚེ། མི་དེ་གཉིས་མཉམ་གཅིག་ཏུ་ཞུ་གཏུགས་བྱེད་མཁན་དུ་རྩིས་ཆོག ཞུ་གཏུགས་བྱས་རྗེས་ཡང་བསྐྱར་ཞུ་གཏུགས་བྱས་པའི་ཁུངས་སྣེ་དང་ཡང་ན་བདེན་དཔང་ རྩ་ཆེན་ཡིན་ཚེ། དོན་ཚན་དང་པོ་ལྟར་ཚད་ལྡན་གྱི་བྱ་དགའ་གནང་ངེས། བྱེད་ཐབས་འདིར་ཡང་བསྐྱར་བྱ་དགའ་གནང་བ་ཡོད་ལ། འོན་ཀྱང་ཚད་མཐོན་པོའི་བྱ་དགའ་ཐེངས་གཅིག་མ་གཏོག་མེད།
དོན་ཚན་བཞི་པ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་དག་གིས་བྱེད་ཐབས་གཞན་པ་བརྒྱུད་ནས་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུགས་བྱས་ཆོག
གཅིག སྤྱི་བདེ་ལས་ཁུངས་ཀྱི་ཁྱབ་བསྒྲགས་བྱས་པའི་ཁ་པར་དང་གློག་རྡུལ་ཡི་ཟམ། དྲྭ་ལམ། ཁ་པར་བརྡ་འཕྲིན། ཡིག་ཐོག་བཅས་ནས་ཞུ་གཏུགས་བྱས་ཆོག
གཉིས། ཐད་ཀར་སྤྱི་བདེ་ལས་ཁུངས་སུ་སོང་ནས་ཞུ་གཏུགས་བྱས་ཆོག
གསུམ། མི་གཞན་པ་མངག་ནས་ཞུ་གཏུགས་བྱེད་པ་དང་། མངག་མིས་མངག་མཁན་གྱི་མངག་ཡིག་དང་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱེད་དགོས།
དོན་ཚན་ལྔ་པ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གོང་གི་ཞུ་གཏུགས་དག་དུས་ཐོག་ཏུ་དང་ལེན་བྱེད་པ་དང་། ཕྱིར་འབྱོར་ལན་སྟེར་དགོས་པ་མ་ཟད། གྱོད་དོན་ཚད་གཞི་ལྟར་ས་གནས་མངག་གཏོང་ཁང་དང་རྒྱལ་ཁབ་ཕྱི་ནང་བགྲོད་པའི་དོ་དམ་ལས་ཁུངས་ལ་སྤྲད་ཏེ་ཐག་གཅོད་བྱེད་དགོས།
དོན་ཚན་དྲུག་པ། ཞུ་གཏུགས་ཁུངས་སྣེ་དོན་དངོས་ཡིན་ཚེ། ཞུ་གཏུགས་དང་ལེན་བྱེད་མཁན་གྱི་སྤྱི་བདེ་ལས་ཁུངས་དང་གྱོད་སྒྲུབ་ལས་སྡེ་ཁག་གིས་གོ་རིམ་ལྟར་བྱ་དགའ་ཡར་ཞུ་བྱེད་རྒྱུ་དང་། ཉིན་བཅོ་ལྔའི་དང་ཞུ་གཏུགས་མི་སྣར་བྱ་དགའ་གནང་དགོས།
དོན་ཚན་བདུན་པ། ཞུ་གཏུགས་མི་སྣའི་བྱ་དགའི་བརྡ་སྦྱོར་འབྱོར་བའི་ཉིན་ནས་ཉིན་༣༠རིང་བར། རང་ཉིད་དང་ཡང་ན་མི་གཞན་པ་མངག་ནས་བྱ་དགའ་བླངས་ཆོག གལ་ཏེ་མི་གཞན་པ་མངག་ཚེ། མངག་མཁན་གྱི་མངག་ཡིག་དང་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱེད་དགོས། བརྡ་སྦྱོར་ཉིན་ལས་བརྒལ་ཚེ། བྱ་དགའ་མེད་པར་བཟོ་ངེས་ཡིན།
དོན་ཚན་བརྒྱད་པ། སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུགས་མི་སྣ་ཕྱི་ལ་མི་བསྒྲགས་པ་མ་ཟད། ཞུ་གཏུགས་མི་སྣའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། བསམ་བཞིན་དང་ཡང་ན་མ་ཤེས་པར་གསང་བ་ཕྱི་ལ་ཤོར་ནས་མཇུག་འབྲས་ཚད་ཆེན་བཟོས་ཚེ། འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཐག་གཅོད་བྱེད་ངེས་ཡིན།
དོན་ཚན་དགུ་པ། ཞུ་གཏུགས་མི་སྣར་དྲག་ཤུགས་དང་བཙན་སྐུལ་གྱི་སྒོ་ནས་རྡུང་རྡེག་བྱེད་པདང་། མགོ་གཡོག་མགོ་སྐོར་དང་ཁུངས་སྣེ་རྫུན་མ་འདོན་སྤྲོད་བྱེད་པ་སོགས་ཀྱི་ལམ་ནས་བྱ་དགའི་སྒོར་མོ་ལེན་མཁན་ལ་ཁྲིམས་ལྟརཐག་གཅོད་ནན་མོ་བྱེད་རྒྱུ་ཡིན།
དོན་ཚན་བཅུ་བ། རྩད་ཞིབ་བྱས་ནས་བདེན་པ་ར་སྤྲོད་བྱས་ཚེ། ཁྲིམས་འགལ་བྱས་པའི་ཕྱི་རྒྱལ་གྱི་མི་ལ་ཁྲིམས་ཆད་གཅོད་རྒྱུ་ཡིན་པ་མ་ཟད། གཞན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་འགལ་སྒོས་ཕྱི་རྒྱལ་གྱི་མི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་ལ་རོགས་བྱེད་པ་དང་། ཕྱི་རྒྱལ་གྱི་མི་ཁྲིམས་འགལ་སྒོས་གནས་སྡོད་དང་ཞག་སྡོད་བྱེད་དུ་བཅུག་པ། ཡང་ན་ལས་ཞུགས་བྱེད་དུ་བཅུག་ནས་སྒེར་གྱི་ཁེ་ཕན་གཉེར་མཁན་གྱི་འབྲེལ་ཡོད་འགན་འཁུར་མི་སྣར་ཆད་གཅོད་བྱེད་རྒྱུ་ཡིན།
དོན་ཚན་བཅུ་གཅིག་པ། བྱེད་ཐབས་འདི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན། ཞིང་ཆེན་སྤྱི་བདེ་ཐིན་གྱི་གསལ་གཤད་བྱེད་པ་ཡིན།