༄༅། །ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་རྨ་ཆེན་རྫོང་རྭ་རྒྱ་དགོན་པར་བསྐྱོད་དེ་བརྟག་ཞིབ་འཚམས་འདྲི་གནང་བ།
州委书记武玉嶂深入玛沁县拉加寺调研慰问
ཟླ ༥ ཚེས ༦ ཉིན་ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་རྨ་ཆེན་རྫོང་རྭ་དགོན་པར་བསྐྱོད་དེ“བདེ་འཇགས་དགོན་པ”འཛུགས་སྐྲུན་ལ་བརྟག་ཞིབ་གནང་ཞིང་། དགོན་པའི་དོ་དམ་དང་རྨང་གཞིའི་འཛུགས་སྐྲུན། རིག་དངོས་སྲུང་སྐྱོང་། གྲྭ་བཙུན་གྱི་སློབ་སྦྱོང་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། རྫོང་གྲོང་རྡལ་གྱི་ཏང་ཨུའི“མགོ་ཁྲིད་དང་པོ”དང་། དགོན་པའི་རྒྱུན་སྡོད་མཛུབ་ཁྲིད་པ། དགོན་པའི་དམངས་གཙོའི་ཨུ་ལྷན་གྱི་འགན་ཁུར་བ་བཅས་དང་ལྷན་དུ་བཞུགས་མོལ་གནང་བ་མ་ཟད། གཙོ་རུའི་སྤྲུལ་སྐུ་ལ་འཚམས་འདྲི་གནང་བར་ཡང་ཕེབས། བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རྭ་རྒྱ་དགོན་པ་ནི་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གཙོ་བོ་དང་རྒྱལ་ཡོངས་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན་པའི་ཆ་ནས། ནམ་ཡང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་སྒོས“བདེ་འཇགས་དགོན་པ”འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་དང་། དགོན་པའི་དོ་དམ་སྒྲིག་ཁྲིམས་ལ་ཤུགས་སྣོན། ཏན་ཏིག་གིས་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད། ན་གཞོན་དགེ་འདུན་པའི་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་བསམ་བློའི་སློབ་གསོའི་ཁྲིད་སྟོན་རྒྱུན་མཐུད་ཡག་པོ་ཡོང་བ་བཅས་བྱས་ནས། ཧུར་ཐག་གིས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་ཞང་སྡེ་དར་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་སྒོས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་གི་སྲུང་སྐྱོང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པར་བསྟན།
5月6日,州委书记武玉嶂深入玛沁县拉加寺调研“平安寺院”建设,了解寺院管理、基础建设、文物保护、僧侣学习教育等情况,与县镇党委“一把手”和驻寺指导员、寺院民管会负责人座谈,并走访慰问了佐日活佛。武玉嶂强调,拉加寺作为全州重点藏传佛教寺院和全国文物保护单位,要始终坚持在党的领导下,以“平安寺院”建设为目标,继承和发扬优良传统,依法依规加强寺院管理,扎实推进法制化规范化建设,推动宗教与社会主义社会相适应,持续做好年轻僧侣的爱党爱国爱教思想教育引导,努力在推进地区脱贫攻坚和乡村振兴、深化民族团结进步示范州创建、维护社会和谐稳定中发挥积极作用。
བུའུ་ཡུས་ཀྲང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྭ་རྒྱ་དགོན་པས་ཁུལ་རྫོང་ཏང་ཨུ་སྲིད་གཞུང་གི་བཀོད་སྒྲིག་ནང་ལྟར། ནན་ཏན་སྒོས“བདེ་འཇགས་མགོ་ལོག”དང“ཁྲིམས་སྐྱོང་མགོ་ལོག”འཛུགས་སྐྲུན་གྱི་བླང་བྱ་ལག་བསྟར་དོན་འཁྱོར་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་སྒྲིལ་བརྟན་ལྷིང་ལ་རྐང་ཚུགས་ཤིང་། དབུལ་ཐར་འགག་སྒྲོལ་དང་སློབ་ཞུགས་འགན་ལེན། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ཐད་ལ་བྱས་རྗེས་བཞག་ཡོད། དེང་ཕྱིན་གྱི་ལས་དོན་ཁྲོད། དགོན་པའི་དམངས་གཙོའི་ཨུ་ལྷན་གྱིས་ནམ་ཡང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་བྱེ་བྲག་གི་བླང་བྱ་དང་མཛུབ་སྟོན་དགོངས་དོན་ལ་བརྩི་སྲུང་བྱས་ཏེ། ཁུལ་རྫོང་གྲོང་རྡལ་ཏང་ཨུ་སྲིད་གཞུང་གི་མགོ་ཁྲིད་འོག མུ་མཐུད་དུ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་དགོན་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། གཙོ་རུའི་སྤྲུལ་སྐུས་སྔར་བཞིན་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། དམངས་གཙོའི་ཨུ་ལྷན་ལ་རོགས་རམ་མཛུབ་ཁྲིད་གནང་སྟེ། ཧུར་ཐག་གིས“བདེ་འཇགས་དགོན་པ”འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱེད་དགོས་པའི་རེ་བ་བཏོན།武玉嶂指出,近年来,拉加寺按照州县党委政府部署,认真贯彻落实“平安果洛”“法治果洛”建设要求,立足地区经济社会发展和团结稳定,在脱贫攻坚、控辍保学、民族团结和社会稳定等方面做出了贡献。在今后的工作中,寺院民管会要始终遵循党中央和习近平总书记对民族宗教工作的具体要求和指示精神,在州县镇党委政府的领导下,不断加强寺院法制化规范化建设。希望佐日活佛能够一如既往地发挥自身影响力,帮助指导民管会努力推进“平安寺院”建设再上新台阶。
བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར ༧༠ ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར ༧༠ ལོན་པ། མགོ་ལོག་ཏུ་སྲིད་དབང་བཙུགས་ནས་ལོ་འཁོར ༦༥ ལོན་པ་བཅས་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་མང་པོ་ཡོད། མགོ་ལོག་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་བོད་ཁུལ་དང་ཞིང་ཆེན་གྱི་གཏིང་ཟབ་དབུལ་བོའི་ས་ཁུལ་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལེགས་འགྲུབ་སྒོས། དུས་བཅད་ལྟར་བལྟོས་མེད་དབུལ་བོའི་མི་འབོར“གཙང་ཐིག”གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། རྭ་རྒྱ་དགོན་པས་ཞིང་ཆེན་ཁུལ་ཨུའི་ལས་ཀའི་བླང་བྱ་ནང་ལྟར། རང་འགུལ་གྱིས་གྲོང་རྡལ་ཏང་ཨུ་སྲིད་གཞུང་ལ་གཞོགས་འདེགས་སྒོས། སློབ་ལོན་རན་པའི་བྱིས་པའི་ཁྱིམ་བདག་ལ་སློབ་གསོ་ཡག་པོ་བཏང་སྟེ། མིག་སྔའི་སློབ་ཞུགས་འགན་ལེན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་གྱི་དམིགས་འབེན་དམ་དུ་བཟུང་ཞིང་། གསར་སྐྲུན་དེ“བདེ་འཇགས་དགོན་པའི”ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་གྲོས་མགོ་སྔར་བས་དོན་འཁྱོལ་སྒོས། མུ་མཐུད་དུ་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཡང་དུ་བཏང་ནས། དབུལ་ཐར་འགག་སྒྲོལ་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས་པར་བསྟན།
武玉嶂强调,今年是新中国成立70周年,也是青海解放70周年、果洛建政65周年,大事、喜事多。果洛作为青南藏区和全省深度贫困地区,要坚决完成党中央和习近平总书记打赢脱贫攻坚战的战略部署,如期实现绝对贫困人口“清零”的目标任务,为全面建成小康,实现第一个百年目标奠定坚实基础。拉加寺要按照省州委工作要求,主动配合镇党委政府做好学龄儿童家长工作,巩固好当前控辍保学成果。要紧盯创建全国民族团结进步示范州目标,把创建作为“平安寺院”的重要内容,坚决贯彻中央和省州委部署,进一步落实州佛协的倡议,继续做好信教群众宗教减负,在脱贫攻坚中发挥作用。
བུའུ་ཡུས་ཀྲང་གིས་བསྟན་དོན། མར་ཐང་ཆུ་གློག་ས་ཚིགས་ཀྱི་རྣམ་གྲངས་དེ་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་ཞིག་ཡིན་པའི་ཆ་ནས། ཞིང་ཨུ་ཞིང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་དང་ཞིང་ཆེན་མགོ་ཁྲིད་ཀྱི་ཐུགས་ཁུར་ཆེན་པོ་གནང་ཞིང་། ཐེངས་གང་མང་ལ་མཐུན་སྦྱོར་སྐུལ་འདེད་ཀྱི་རོགས་རམ་མཛད། ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཀྱང་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། ཧུར་ཐག་གིས་འབྲེལ་མཐུད་སྙན་ཞུ་བྱ་རྒྱུ་ཡིན་ལ། འཛུགས་སྐྲུན་བྱེད་མཁན་ཕྱོགས་ལ་ཆུ་རགས་ཇེ་བརྟན་དང་བདེ་འཇགས་ཀྱི་ལྐོག་གྱུར་རྐྱེན་ངན་གཙང་སེལ་བྱེད་པར་མཐུན་སྦྱོར་སྐུལ་འདེད་བྱས་ནས། གང་མགྱོགས་སྒོས་ལས་མགོ་བསྐྱར་ཚུགས་ཀྱི་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་བསྟན།
武玉嶂指出,玛尔挡水电站项目作为关系群众利益的民生大事,得到了省委省政府的大力支持和省领导的关注,多次帮助协调推进,州委州政府也将继续加大力度,积极对接汇报,协调督促建设方全力加固大坝,消除安全隐患,尽快实现复工建设。
བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རྨ་ཆེན་རྫོང་ཨུ་རྫོང་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཨུའི་སློབ་ཞུགས་འགན་ལེན་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ད་ལྟའི་ཕྱིར་ལོག་ལས་དོན་གྱི་རྨང་གཞིའི་སྟེང་། སློབ་ལོག་སློབ་མའི་སློབ་བྱོལ་སློབ་ཆད་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་ཤེས་རྟོགས་ཡོད་དགོས། སློབ་སྦྱོང་དང་འཚོ་བའི་རོགས་སྐྱོར་སྔར་བས་ཡག་པོ་བསྒྲུབས་ནས། དོན་དངོས་གནས་ཚུལ་ལྟར་ཆེད་དོན་དོ་དམ་ལས་དོན་གྱི་ཇུས་གཞི་བཟོ་དགོས་ལ། བྱིས་པ་རྣམས་སློབ་གྲྭ་ནས་བདེ་ཐང་སྤྲོ་སྣང་གིས་མཚར་ལོངས་བྱུང་སྟེ། ཁྱིམ་བདག་རྣམས་སེམས་བདེ་མོ་ཡོང་བར་བྱེད་དགོས། རྨ་ཆེན་རྫོང་ཨུས་མུ་མཐུད་དུ་རྭ་རྒྱ་དགོན་པའི་འཛུགས་སྐྲུན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་དགོས་ལ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་འཛུགས་སྐྲུན་གྱི་བླང་བྱ་དང་དངོས་ཡོད་གནས་ཚུལ་ལྟར། གོམ་གང་མདུན་སྤོས་སྒོས་འཆར་འགོད་ཇུས་འགོད་འཐུས་ཚང་དང་། དགོན་པའི“ལས་གཞི་ཆེན་པོ་དྲུག”རྟེན་གཞིར་བྱས་ནས། ཡར་ཞུ་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ཁྱོན་ཡོངས་ནས་རྭ་རྒྱ་དགོན་པ་སྤྱི་ཚོགས་ཅན་གྱི་དོ་དམ་ཆུ་ཚད་དུ་སླེབས་པར་ཤུགས་འདོན་དགོས། ཁུལ་རྫོང་འཐབ་ཕྱོགས་གཅིག་གྱུར་པུས་རང་འགུལ་ངང་རྒྱལ་ས་ཐོན་ཁུངས་སོགས་ཀྱི་སྡེ་ཚན་ཁག་ལ་འབྲེལ་གཏུག་མཐུན་སྦྱོར་བྱས་ནས། དུས་ཐོག་ཏུ་ལྐོག་གྱུར་རྐྱེན་ངན་གྲལ་བཤེར་དང་། ཐག་གཅོད་ནུས་ཤུགས་ཆེ་རུ་གཏོང་བ། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ས་གཤིས་གནོད་འཚེ་བྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་བཅས་ཀྱི་སྒོ་ནས་དགོན་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པར་བསྟན།
武玉嶂强调,玛沁县委县政府要严格落实中央和省委关于控辍保学的相关要求,在现有劝返工作基础上,及时对返校就读的失辍学学生学习生活情况进行跟踪了解,进一步做好思想和生活帮扶,根据实际情况制定专项管理工作方案,让孩子们在学校里健康快乐成长,让家长放心。玛沁县委要继续关心支持拉加寺建设,落实好党的民族宗教政策和惠民政策,根据国家级文物保护单位建设的要求和实际情况,进一步完善规划设计,以寺院“六大工程”为依托,申报落实好项目,全面提升拉加寺社会化管理水平。州县统战部要主动联系协调国土等相关部门,及时排查隐患,加大处置力度,严格落实责任制,坚决防止地质灾害发生,确保寺院安全。
རྨ་ཆེན་རྫོང་ཨུའི་ཧྲུའུ་ཅི་ཞོན་ཡོན་ལའེ་དང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་འགན་འཁུར་བློ་མཐུན་དང་མཉམ་དུ་བརྟག་ཞིབ་ལ་ཕེབས།
玛沁县委书记熊元来,州委办公室、州委统战部负责同志陪同调研。